藏族情歌歌词收集之第二首
非原创
གནམ་འཁོར་ལོ་རྩིབས་བརྒྱད་འོག་གི །
ས་པད་མ་འདབ་བརྒྱད་སྟེང་གི །
སྦྲ་རོག་རོག་ཅན་གྱི་རུ་སྡེ། །
སྡེ་ཁྲ་ཁྲ་མིག་གི་གཞི་རེད། །
སྡེ་འདི་ཡི་ལོ་རྒྱུས་མི་བཤད། །
རུ་འདི་ཡི་ཆད་ཁུངས་མི་གླེང་། །
ངས་བལྟས་བལྟས་མིག་གིས་རིག་ནོ། །
ངས་ཉན་ཉན་རྣ་བས་གོ་ནོ། །
སྡེ་མ་རེད་སྡེ་བའི་མི་རེད། །
མི་དེ་ཚོའི་གྲས་ཀྱི་གཅིག་གོ །
མ་ཚེ་རིང་མེ་ཏོག་མ་གཏོགས། །
ངའི་སེམས་ལ་འཐོག་ནི་གཅིག་མེད། །
ལས་བསོད་ནམས་ཅན་གྱི་བུ་མོ། །
ལུས་གདན་ཐོག་གཅིག་ལ་འཛོམས་ནས། །
མགོ་སྔས་ཐོག་གཅིག་ལ་དཀའ་རུང་། །
སེམས་ཁོ་ཐག་བཅད་ནས་འདུག་དོན། །
རོགས་འདི་ལ་འགྲོག་རེ་ཐུབ་ན། །
ཚེ་འདི་ཡི་སྨོན་ལམ་མེད་རུང་། །
ཚེ་ཕྱི་མ་ཡིན་རུང་སྒུག་ནས། །
ཁྱིམ་གཅིག་གི་སྨོན་ལམ་བཏབ་ཡོད། །
བྱ་ལམ་ལ་ལམ་ནས་བུད་ཐལ། །
ལས་བསོད་ནམས་ལམ་ནས་འགྲིག་ཐལ། །
ངའི་འདོད་ཐོག་རྟ་ཕོ་རྒྱུག་ནས། །
མ་མེ་ཏོག་ང་སར་འཁོར་ཐལ། །
སེམས་བསམ་པ་འོ་མ་འདྲ་བོ། །
ཞེ་སྣང་བ་ཆུ་མིག་དྭངས་མོ། །
འདི་གཉིས་ཀ་གཅིག་ལ་འདྲེས་ནས། །
ངེད་གཉིས་ཀ་སྣང་བ་མཐུན་ཐལ། །
ཐང་བདེ་མོ་ཐད་ཀྱིས་བཅད་ནས། །
རི་མཐོན་པོའི་རྩེ་མོར་འགོས་ནས། །
ལུག་འཚེར་མོ་མཉམ་དུ་འཚོས་ནས། །
གླུ་ལ་གཞས་སེམས་ཀྱིས་བླངས་ནས། །
སྐྱིད་ཚེ་ཐོག་འདི་ནས་བརྒྱབ་ནས། །
ཁྱིམ་གཅིག་གི་སྨོན་ལམ་བཏབ་ཡོད། །











网友评论