བདེན་དབྱངས་རང་སྒྲ
ཁ་དན་སྙིང་པོ།
རྩོམ་པ་པོ===ཉགན་བུན
མིག་གསེབ་དཀིྱལ་ནས་ཆར་ཆུ་བབ།།
ཆུ་ཟེགས་ངང་ལ་བདེན་གཏམ་སྣང་།།
དེ་ལ་བདེན་རྫུན་ཁ་དན་སྤྲོས།།
བརྟན་མེད་་ཁམས་འདིར་མཚན་མ་དབེན།།
དྲང་གཤིས་བདེ་ཚིག་སེམས་ལ་ཆགས།།
ངག་ནས་བཟླས་ཚད་ཡིན་མིན་དཀའ།།
ལྷས་མཐོང་མི་ལ་བསྐལ་བ་བཞིན།།
སུ་ཡིས་བདེན་རྫུན་དངོས་གནས་མཐོང་།།
དབྱར་ཟླ་དགུན་ཁར་འགྱུར་བ་དང་།།
ལྷ་དབང་དམྱལ་བར་སྐྱེ་བ་བཞིན།།
གནོད་གཏམ་ཕན་སེམས་ཆས་ཀྱང་ཐང་།།
ཕན་སེམས་འཚེ་བར་འབྱར་ཡང་སྲིད།།
འཇིག་རྟེན་ཁྲ་བོ་དམར་མདོག་རྣམས།།
དཔེར་ན་དྭངས་མའི་ཤེལ་སྒོང་ངོར།།
མདོག་ཁ་སྣ་ཚོགས་ཤར་མོད་ཀྱང་།།
སྒྲོ་བཏགས་དབང་གིས་བདེན་རློམ་མཚུངས།།





网友评论