美文网首页
དགུན་དུས་

དགུན་དུས་

作者: 布姆登巴 | 来源:发表于2016-11-06 19:21 被阅读0次

     

    ཁ་བའི་དུས་སམ་དགུན་དུས་ནི་གྲང་ངར་ཆེ་ཞིང་ལྷག་རླུང་ལྡང་ཤོས་ཀྱི་དུས་ཚིགས་གཅིག་རེད་།  དགུན་དུས་རྩ་རྩི་ཤིང་ཡོད་དོ་ཅོག་གཉིད་དུ་ཡུར་ལ་འདབ་ཆགས་ཀྱི་ཚོགས་མོན་ཡུལ་དུ་ལོག་པས་དགུན་དུས་སུ་གྲང་ངར་བཟི་བ་བལ་སྤུ་ཡང་ལོང་དུ་བཅུགས་རྐྱེན་མི་དང་སྲོག་ཆགས་ཐམས་བཅད་ལ་བཟོད་དུ་བཀའ་བའི་སྡུག་སྔལ་ཞིག་སྦྱིན་གིན་ཡོད་།

        དགུན་ཁ་ཤར་སོང་    གྲང་ལ་སྲིལ་ཞིང་ལྡང་བའི་དགུན་རླུང་ངར་མོ་དེ་རྩེ་མོ་རྣོ་བའི་ཁབ་ཞིག་དང་འདྲ་ཏེ་ལུས་ལ་རེག་ན་ཚ་ཞིང་འཁྱགས་པའི་བཟོད་དུ་བཀའ་བ་ཞིག་རེད་འདུག་།    འོན་ཀྱང་དགུན་དུས་སུ་མི་རྣམས་ལ་རེ་བ་དང་གསོན་ཤུགས་གསར་པ་ཞིག་སྦྱིན་མཁན་གྱི་མགོན་པོ་ཞིག་ཡོད་པ་དེ་ནི་དགུན་ཁའི་ཉི་མ་དེ་ཡིནཔས་།   སྐྱེ་བོ་ཡོད་ཚད་ལ་སྐོམ་པ་ཆུ་འདོད་ཀྱི་བྱེའུ་ལྟར་།  ཞོགས་པའི་ཉི་ཟེར་ལ་རེ་རྒུག་དང་ཚང་ཁ་ཤིག་ཤིག་བྱེད་པར་བྲེལ་།

        ཁ་བ་ནི་དགུན་་དུས་སུ་མགྲོན་པོར་འཕེབས་པའི་མི་ཡུལ་གྱི་མཛེས་རྒྱན་ཞིག་ལ་སྐྲུན་ཡོད་།   ཁ་བས་རྒྱ་ཆེ་བས་ས་འཛིན་མར་དཀར་ལ་འོས་མདངས་ཕྲོ་བའི་ལཱ་བ་ཞིག་གཡོགས་ལ་འཇིག་བརྟེན་དུ་ཆེས་སྤྲོ་སྣང་ལྔན་པའི་རྩེད་མོ་མང་ཞིག་་བཟོས་པ་ཡང་དགའ་བ་ཆེ་།

       ཐམས་བཅད་གཉིད་དུ་ཡུར་བའི་དུས་འདི་ལ་བྱ་བྱིའུ་ཡི་སྐད་རྙེན་པོ་སྒྲ་འང་ཧ་ཅང་མཐོས་པ་བཀའ་ལ་ཐ་ན་ནམ་དགུན་འབད་བརྩོན་ཆེ་བའི་གྲོག་མ་དག་ཀྱང་མིག་ལམ་དུ་མ་རེག་།

    ཆུ་བོ་འཁྱགས་པས་སྟོམས་པའི་དར་དཀར་གྱི་གཡོལ་བ་ཡུག་གཅིག་ཏུ་འཐེན་འདུག་ལ་འཁྱགས་པ་ཡི་མི་རྣམས་ལ་རང་བྱུང་གི་ཟམ་ཆུང་ཞིག་སྐྲུན་།

    གྲང་ངར་ཆེ་བའི་དགུན་ཚིགས་ནི་།    རྐྱ་ཐིང་ཐིང་གི་འཇིག་བརྟེན་གསར་བ་ཞིག་ཡིན་ལ་།  གྲང་ངར་གྱི་ཚོར་བ་འཇོག་པའི་མྱལ་ཁམས་ཞིག་དུའང་བརྩི་ཆོག་པ་ཡིན།  

    相关文章

      网友评论

          本文标题:དགུན་དུས་

          本文链接:https://www.haomeiwen.com/subject/dydnuttx.html