美文网首页
2018-06-12

2018-06-12

作者: 紅塵中旳心 | 来源:发表于2018-06-12 01:18 被阅读0次

ཅི་ལ་ཡོད་པའི་སེམས་ཡོད་ན།།

བསམ་པའི་ནང་གི་རྒྱན་ཆ་རེད།།

དོན་དང་འགྲུབ་པའི་བཀའ་བ་ཡོད།།

ཅི་བསམ་ལྡན་པའི་མཛངས་མ་ཁྱོད།།

བདེ་སྐྱིད་ཁྱོད་དང་ལས་དབང་མཐུན།།

ཕར་ལ་མིག་གི་ལྟས་ལས།།

མིག་གི་འཕྲུལ་བ་བྱེད་ཐེས།།

ཁྲ་མོ་འདྲེན་བྱེད་རྣམ་པ།།

ཁྱེད་ཀྱི་ཕྱོགས་སུ་ཕྱིན་སོང་།།

ལྷག་བསམ་ལྡན་ན་ཡག་གི།།

འཇིག་རྟེན་ཁྲ་མོ་ནང་ལ།།

ཉམ་ཆུང་འཚོ་བ་རོལ་ན།།

བདེ་སྐྱིད་ཁྱོད་ཀྱི་རྒྱུ་ཡིན།།

བུ་མོ་མཛེས་ལོད་ཧྲག་གི།།

བུ་ཆུང་སེམས་པ་དམར་པོ།།

ཁྱེད་ཀྱི་ཕྱོགས་སུ་འགྲོ་ད།།[捂脸]

དེ་ནི་མཛེས་པའི་རང་གདངས།།[调皮]

སྦྲང་ཆར་ཟིམ་མ་འབབ་དུས།།

རླུང་ཤར་ལྷག་ལྷག་སྒྲོག་དུས།།

བུ་མོའི་གླུ་དབྱངས་གཏང་འདུག།།

ཕ་ཡུལ་ཕྱོགས་སུ་མཆིས་ད།།

ཕུགས་བསམ་ལྡན་པའི་ལམ་བུ།།

ལང་ཚོའི་ནང་གི་མཛེས་རྒྱན།།

ལམ་བུ་གང་འདྲ་ཡོད་རུང་།།

སེམས་དང་སེམས་པ་མཐུན་དགོས།།[拳头][拳头][拳头]

འཇིག་རྟེན་འཚོ་བའི་ནང་ལ།།

དོན་དག་གྲངས་མེད་འཕྲད་སྲིད།།

བུ་ཆུང་སེམས་པ་མ་སྐྱོ།།

ཕོ་རྒོད་བློ་སེམས་ངམ་ཤོགས།།[拳头]

མུན་པའི་ནང་གི་གླུ་དབྱངས།།

སེམས་ཀྱི་མཉམ་གྲོགས་ཡིན་ད།།

ཁྱོད་ཀྱིས་བློ་ནང་སོང་ན།།

དེ་ནི་ཀུན་གྱི་ཕན་ནོ།།

ལུས་ནི་རང་གི་ལུས།།

སེནས་ནི་རང་གི་སེམས།།

ལུས་སེམས་གཉིས་ཀྱིས་བར་ནས།།

ཆུང་འབྲེལ་བྱམས་པ་དྲན་སོང་།།

ལམ་བུ་བརྒྱ་སྟོང་ནང་གི།།

སྐྱེ་འགྲོ་ཉུང་རུ་ཕྱིན་སོང་།།

སེམས་དང་བསམ་པ་གཉིས་ཀ།།

བློ་ཕྱོཊ་གཉིས་རུ་གྱུར་སོང་།།

ལྷན་འཇགས་མཚན་མོ་རྒྱུད་ནས།།

ཁྱོད་སེམས་ཁྱོད་ཀྱིས་ཚུལ་དང་།།

ཁྱོད་ཀྱི་རང་བཞིན་ངོ་མ།།

ཕར་ཆར་ཤེས་རྒྱུ་བསམ་ད།།

མཚན་མོའི་དྲན་པ་སེམས་དང་མཐུན།།

ཉིན་མོའི་དྲན་པ་རྗུན་དང་མཐུན།།

སེམས་དང་རྫུན་གྱི་བར་ནས།།

དུང་བ་འདྲ་མིན་བཤད་སྲིད།།

ཧཧཧ[月亮]

    6 11

相关文章

网友评论

      本文标题:2018-06-12

      本文链接:https://www.haomeiwen.com/subject/fnwkeftx.html