美文网首页
ཞོ་གྲོ།

ཞོ་གྲོ།

作者: SONAM0 | 来源:发表于2021-02-08 23:59 被阅读0次

    ཁ་སང་ཕ་རྒན་གྱིས་ཞོ་དང་གྲོ་མ་ཁྱེར་ནས་ཐོབ་པས། ད་བར་དགོང་ཅང་ལ་ཞོ་གྲོ་མཐོང་བཞིན་ཡོད། ས་ཆ་ལ་ཤས་ནས་ཞོ་ཁར་འབྲས་འདེབས་པ་དང་ཡང་ན་གྲོ་འབྲས་བསྲེས་ནས་འདེབས་ཚུལ་སོགས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ཀྱང་། ང་ནི་ཞོ་ཁར་འབྲས་འདེབས་པ་དང་ཟས་རིགས་གཞན་གཏོར་རྒྱུར་གཏན་ནས་མི་དགའ་ཞིང་ཞིམ་སྣང་ཡང་རྩད་མི་སྐྱེ་ལ། རྦད་དེ་ལྷད་མེད་པའི་འབྲི་ཞོ་དག་མ་དེ་བརླགས་འགྲོ་བའི་སྣང་བ་སྟེར། དེ་ནི་གོམས་ལོབས་ཙམ་གྱིས་ཡིན་ཡང་སྲིད། དེ་ལས་ཕ་ཡུལ་གྱི་ཐུན་མིན་གྱི་ཁྱད་ཆོས་སྟེ། ཞོ་ཁར་གྲོ་མ་འདེབས་རྒྱུར་དགའ་བོ་ཡོད། ཞོ་ཁར་ཆེས་འཚམ་ཤིང་སྡེབ་ཁ་འགྲིག་པ་དེ་ཡང་གྲོ་མ་ལས་ལྷག་པ་ཞིག་མེད་པར་འདོད། ཞོ་གྲོ་ནི་ང་ཚོའི་ཕ་ཡུལ་ལ་མཚོན་ན་ཡང་ཚབ་མཚོན་རང་བཞིན་ལྡན་པའི་ཟས་མཆོག་གཙོ་བོ་ཞིག་ཆགས་ཡོད། ཆེས་ངོམ་དུ་རུ་བའི་ཁྱད་ཟས་ཤིག་ཏུ་ཡང་གྱུར་ཡོད། ཁོ་བོ་ཡང་ཆུང་དུས་ནས་ཞོ་གྲོ་འཐུང་སྟེ་ནར་སོན་པའི་རྩྭ་ཐང་གི་འབྲོག་ཕྲུག་ཅིག་ཡིན་སྟབས། ཟས་མཆོག་འདི་ལ་དམིགས་བསལ་གྱིས་དུང་བ་ཡོད། དགའ་ཞེན་ཡོད། ཟས་མཆོག་འདིས་ནི་ད་བར་དུ་རང་ཉིད་གསོས་ཤིང་བསྐྱངས་ཏེ་ཡོང་བས་རང་ལ་བཀའ་དྲིན་ཡང་ཆེན་པོ་ཡིན་པ་ཡང་སྨོས་མེད་དོ།།

    相关文章

      网友评论

          本文标题:ཞོ་གྲོ།

          本文链接:https://www.haomeiwen.com/subject/nokqxltx.html