美文网首页
གཟིམས་མེད་ཀྱི་མེ་ལྕེ།

གཟིམས་མེད་ཀྱི་མེ་ལྕེ།

作者: 玛尚卟姆 | 来源:发表于2016-11-28 12:06 被阅读0次

                               མ་བཟང་བུ་མོ།

                  ༡

    ཁྱེད་རང་གྲང་རག་གི་འཇིག་རྟེན་ན།

    སྨྲ་བ་མེད་པའི་རྡོ་སྐུ་བཞིན།

    འགྲེང་ངེར་འགྱངས་ཏེ།

    ང་ལ་གསོན་ཤུགས་ཀྱི་དྲོད་ཁོལ་སྟེར་བའི་གཟིམས་མེད་ཀྱི་མེ་ལྕེ་ཞིག

    ང་རང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་མ་ཐུབ་པའི་ཚེ་སྲོག་ཆུང་ཆུང་ཞིག

    ལས་དབང་གིས

    ཁྲ་རབ་ཀྱི་ཞིང་ཁམས་འདི་ནས།

    སླར་ཡང་ང་ལ་ཁྱེད་ཀྱིས་གསོན་ཤུགས་སྟེར།

    བར་ཆད་ཀྱིས

    ཁྱེད་དང་ངེད་གཉིས་ལྷན་འཛོམས་ཀྱི་ལས་སྐལ་ལ་གཡོ་འགུལ་ཐེབས།

    ཅི་ཞིག་གི་ཕྱིར།

    སྒེར་སེམས མཐོང་ཆུང་།  བློ་མེད།  ཁ་ཡག  ངོ་ལོག

    གྲང་རག་གི་སྤུ་གྲི་དག་དག

    ཡིན་ནའང་།

    དཔའ་བོ་ཡ་དཔའ་བོ།

    ཁྱེད་རང་སྟོན་འཇུག་གི་སྤུ་གྲིའི་ཁ་ན།

    གཏན་ཚིགས་ཀྱི་ལ་རྒྱ་སྲུང་མཁན་དང་།

    ཆབ་མཐུན་ལ་སྨོན་ལམ་ཞུ་མཁན།

    ན་ཟུག་གི་བཟོད་བསྲན་ཐུབ་པའི་ཁེར་རྐྱང་གི་དཔའ་བོ་ངོ་མ།

    དེའི་ཕྱིར།

    ཁྱེད་ཀྱི་ཡིད་མཚོའི་བཏིང་གི་ལྷག་བསམ་གངས་དཀར་དེ།

    སྟོན་ཟླ་དང་པོའི་ཚེས་བཅུར།

    ཆེད་དུ་བཀའ་དྲིན་གྱི་དབྱངས་རྟ་སྙན་མོ་ཞིག་དང་།

    རྟེན་འབྲེལ་གྱི་ཞུ་ཚིག་ཐོག་མ།

    བཀུས་པ་དང་ཆབ་ཏུ་ཁྱེད་ལ་ཕུལ།

    ངའི་ཡིད་བཏིང་ན་འཚེར་བའི་གཟིམས་མེད་ཀྱི་མེ་ལྕེ་ལགས།

                    ༢

    གཟིམས་མེད་ཀྱི་མེ་ལྕེ་ལགས།

    ཁྱེད་རང་མེ་ལྕེ་ཞིག

    མེ་ལྕེ་ཡི་འོད་སྣང་རླབས་ཆེན་གྱི་བསྟན་བཅོས་ཤིག

    ང་རང་གཉོམས་ལག་མ་རྒྱས་པའི་ཤིང་སྡོང་ཆུང་ཆུང་ཞིག

    ཁྱེད་ཀྱི་བསྟན་བཅོས་ཀྱིས།

    ངའི་མི་གཙང་བའི་ལུས་ངག་ཡིད་གསུམ་གཞོམ་པར་ནུས།

    འོན་ཀྱང་ཅི་ཞིག་གི་ཕྱིར།

    བསྟན་བཅོས་ཀྱིས།

    ཆེས་མཇུག་མཐར་ངའི་མི་གཙང་བའི་ལུས་ངག་ཡིད་གསུམ་གཞོམ་པར་ནུས་མ་བྱུང་།

    ངའི་སྒེར་སེམས་ཀྱི་ལྡང་མིག་རྣོན་པོས།

    ཁྱོད་ཀྱི་གཙང་ཞིང་དཀར་བའི་ནང་རོལ་ལ།

    ཆེས་བཙོག་པའི་ནག་ཐིག་བཞག

    གང་ལྟར།

    དུས་ཚོད་འདིར།

    ངས་ཁྱེད་ལ་སླར་ཡང་དགོངས་དག་ཞུ་འདོད།

    ངའི་གུས་པར་འོས་པའི་གཟིམས་མེད་ཀྱི་མེ་ལྕེ་ལགས།

    ཡིད་བཏིང་ནས་དགོངས་དག་ཞུ།

    དགུ་ཟླ་བཅུ་བ་དུས་གཏན་དུ་

    ཁྱེད་ལ་དཀའ་དྲིན་དང་དགོངས་དག་ཞུ་བས་ལེགས་སྐྱེས་ལ་ཕུལ།

    2012.9.10༼མཐོ་འབྲིང་གཉིས་པའི་སྐབས་དགེ་རྒན་ལགས་ལ་ཕུལ།༽

    相关文章

      网友评论

          本文标题:གཟིམས་མེད་ཀྱི་མེ་ལྕེ།

          本文链接:https://www.haomeiwen.com/subject/trlopttx.html